The Historical Significance of the Prayer Flag Poles in Lhasa and Ngari 甘丹才旺白桑布收复阿里与所立“经幡杆”的象征符号及蕴意

Main Article Content

O rgyan rgyal mtshan

Abstract

This article explores the role of prayer poles as carriers of the historic symbols and cultural change, which is further examined in the context of Ganden Podrang history and Galden Tsewang's invasion of Ngari. It is based on Tibetan historical archives and field investigation, this article makes a systematic review of these questions, in order to explore the general picture of Tibetan prayer flag poles in history and culture.


 རྒྱལ་པོ་དགའ་ལྡན་ཚེ་དབང་དཔལ་བཟང་པོ་སྟོད་མངའ་རིས་ཆམ་ལ་ཕབ་པའི་དར་ཆེན་གྱི་མཚོན་རྟགས་སྐོར་མདོ་ཙམ་དཔྱད་པ། 


དཔྱད་རྩོམ་འདིར་བོད་ས་གནས་སྲིད་གཞུང་དགའ་ལྡན་ཕོ་བྲང་དུས་སུ་ལྷ་ལྡན་གཙུག་ལག་ཁང་གི་བྱང་ཤར་ངོས་དང་སྟོད་མངའ་རིས་སྤུ་ཧྲེང་རྫོང་ཁུལ་གྱི་བར་ཁ་ཤང་གསེར་གཞོང་དུ་བཞེངས་པའི་དར་ཆེན་གྱི་མཚོན་རྟགས་དང་དང་དེའི་འབྲེལ་ཡོད་ཀྱི་ལོ་རྒྱུས་རིག་གནས་སྟེ་རྒྱལ་པོ་དགའ་ལྡན་ཚེ་དབང་དཔལ་བཟང་པོ་སྟོད་མངའ་རིས་ཆམ་ལ་ཕབ་པའི་དོན་ཚན་འགའ་ལ་འཚོལ་ཞིབ་དང་བསམ་མནོ་བྱས་ཡོད།


དཔྱད་གཞིའི་ཐབས་ལམ་ནི་བོད་ཀྱི་ཉེ་རབས་ལོ་རྒྱུས་ཞིབ་འཇུག་སྐོར་གྱི་དཔྱད་གཞིའི་ཡིག་ཚགས་དང་མི་སྣ་དེ་བཞིན་འབྲེལ་ཡོད་ལོ་རྒྱུས་ཐ་སྙད་དགའ་ལྡན་དར་སྨྱོན་ཞེས་པ་སོགས་ཀྱི་ནང་དོན་ལ་དབྱེ་ཞིབ་དང་དཔྱད་གླེང་ཞུས་པ་དང་སྦྲགས།   རིག་གནས་མིའི་རིགས་ཀྱི་རིག་པའི་ཐབས་ལམ་སྤྱད་དེ་སྟོད་མངའ་རིས་སྐོར་གསུམ་གྱི་འབྲེལ་ཡོད་ཁྱིམ་རྒྱུད་མི་སྣར་ས་གནས་དངོས་ལ་རྟོག་ཞིབ་དང་བཅར་འདྲི་ཞུས་པ་ལས་ཐོབ་པའི་ས་གནས་ལོ་རྒྱུས་སྐོར་ལ་དཔྱད་གླེང་བྱས་འདུག།  

Article Details

Section
Articles
How to Cite
rgyal mtshan, O. rgyan. (2021). The Historical Significance of the Prayer Flag Poles in Lhasa and Ngari 甘丹才旺白桑布收复阿里与所立“经幡杆”的象征符号及蕴意. Waxing Moon, 1(1). https://doi.org/10.52214/waxingmoon.v1i.7132